【特别提醒】注意了!八月起,拉萨驾照考试将发生大变化!
ཟླ་༥ཚེས་༢༦ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁ་ལོ་བའི་ཡིག་རྒྱུགས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ༢༠༡༧ལོའི་ཟླ་༥ཚེས་༡ཉིན་ཁ་ལོ་བའི་ཡིག་རྒྱུགས་ལྟེ་གནས་གསར་པ་བེད་སྤྱོད་བཏང་བ་ནས་༢༠༡༨ལོའི་ཟླ་༥ཚེས་༢༣བར། ཡིག་རྒྱུགས་དང་པོར་ཞུགས་མཁན་གྱི་མི་གྲངས་ཁྲི་༥༣༦༠༨ ཡིག་རྒྱུགས་གཉིས་པར་ཞུགས་མཁན་༣༢༥༩༧དང་། ཡིག་རྒྱུགས་གསུམ་པར་ཞུགས་མཁན་༢༦༦༧༦བྱུང་ཡོད་པ་རེད།
5月26日,记者从拉萨市驾考中心获悉,从2017年5月1日新驾考中心投入使用至2018年5月23日,参加科目一考试人数共53608人,科目二考试人数共32597人,科目三考试人员26676人。
མིག་སྔར། ལྷ་ས་གྲོང་ཁྱེར་གྱི་ཁ་ལོ་བའི་ཡིག་རྒྱུགས་ལྟེ་གནས་སུ་ཡིག་རྒྱུགས་གཉིས་པ་འཕྲུལ་ཆས་ལ་བརྟེན་ནས་ཡིག་རྒྱུགས་ལེན་གྱ་ཡོད་ལ། རྒྱ་ཆེའི་ཡིག་རྒྱུགས་གཏོང་མཁན་རྣམས་ལ་རྒྱུགས་རྭར་རྒྱུས་སྔ་ལོན་པའི་ཁོར་ཡུག་ཅིག་བསྐྲུན་ཡོད། ཚོད་རྩིས་ལྟར་ན་ཡིག་རྒྱུགས་གསུམ་པའང། ཟླ་བརྒྱད་པར་འཕྲུལ་ཆས་ཅན་དུ་བསྒྱུར་རྩིས་ཡོད།
目前,拉萨驾考中心开通了科目二模拟考试项目,广大考生们可提前熟悉适应考场。按照国家相关要求,拉萨驾考中心正在积极筹备建设科目三的实际道路驾驶技能考试的考场,预计今年八月份投入使用。
གསར་འགོད་པས་ཤེས་རྟོགས་བྱུང་བར། ད་ལྟ་སློབ་མ་མང་ཆེ་བས་ཡིག་རྒྱུགས་གསུམ་པ་དེ་གཉིས་པ་ལས་སླ་བར་ངོས་འཛིན་བྱེད་ཀྱི་ཡོད་མོད། དོན་དུ་ཡིག་རྒྱུགས་གཏོང་སྟངས་ཀྱི་ཐབས་ལམ་ལ་བསྒྱུར་བཅོས་བཏང་རྗེས། ཡིག་རྒྱུགས་གསུམ་པ་ནི་བསམ་ཚོད་ཀྱི་སྟབས་བདེ་པོ་ཞིག་རྩ་བ་ནས་མེད་པ་རེད། བདེ་འཇགས་པུའུ་ཡི་རེ་བ་གཞིར་བཟུང་སྟེ། ད་ལྟ་སྣེའུ་གྲོང་གསར་དུ་ཡིག་རྒྱུགས་གསུམ་པའི་རྒྱུགས་རྭ་བཟོ་བའི་ལྟ་གོན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་དང་། སྔོན་དཔག་ལྟར་ན། ཡིག་རྒྱུགས་གསུམ་པའི་རྒྱུགས་རྭར་སྤྱི་ཟླ་བརྒྱད་པ་ནས་བཟུང་སྟེ་དངོས་སུ་ཡིག་རྒྱུགས་གཏོང་འགོ་འཛུགས་རྒྱུ་རེད། དེ་དངོས་སུ་ལག་བསྟར་བྱས་རྗེས། ཡིག་རྒྱུགས་གསུམ་པ་རིག་ནུས་ཅན་གྱི་འཕྲུལ་ཆས་མ་ལག་ལ་བརྟེན་རྒྱུ་ལས། མི་ནུས་ལ་བརྟེན་ནས་ཚད་གཞི་ལོན་མིན་དཔྱད་པ་གཏོང་བའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུ་རེད།
记者了解到,科目三的实际道路驾驶技能考试目前还在柳梧新区进行,而且考试主要是依靠人工评判。科目三道路驾驶技能考试是拿驾照的最重要的一步,对于广大考生来说可能会觉得科目二考试要比科目三难多了。其实,等科目三道路驾驶技能考试改革后,也并没有那么容易。,拉萨驾考中心正在柳梧新区积极筹备建设科目三的实际道路考试场地,预计今年八月份投入使用。科目三实际道路考试车辆上全部将安装上GPS,以及智能化系统,这代表着智能化评判标准将代替人工评判标准,使科目三实际道路考试更加科学化、规范化。
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ།
主编:吾见才让
副主编:吉先卓玛
责编:罗布顿珠
来源:阳光西藏公众号